7873

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགོད་པ
Tibetan Definition (བྱེད་འབྲེལ་ལས་ཚིག་ད་ལྟ་བ) 1 འཇོག་པའམ་འཁྲིད་པའི་དོན། དཔེར་ན་སངས་རྒྱས་ཀྱི་ས་ལ་འགོད་པ། བདེ་སྐྱིད་ལ་འགོད་པ་ལྟ་བུའོ། །འགོད་པ། བཀོད་པ། དགོད་པ། ཁོད།  2 རྒུད་པའམ་ཉམས་པ། དཔེར་ན་སྡེ་དགེ་བསྟན་འགྱུར་༼ གེ་པ ༽དབུ་མ་རིན་ཆེན་ཕྲེང་བ་༡༡༩བ༦ལས། དེ་ལྟར་རིགས་པས་དཔྱད་ན་ནི། །ཁྱོད་ཀྱི་རྒྱལ་སྲིད་འགོད་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །དེའི་ཐད་ཀྱི་རིན་ཕྲེང་དར་ཊཱིཀ་ལས། སྔར་བཤད་པ་དེ་ལྟར་རིགས་པས་དཔྱད་ན་ནི་ཁྱོད་ཀྱི་རྒྱལ་སྲིད་འགོད་པ་དང་ཉམས་པར་མི་འགྱུར་ལ། ཞེས་གསུངས་སོ། །