7876

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགོས་ལོ་ཙཱ་བ་གཞོན་ནུ་དཔལ་བ
Tibetan Definition བཀའ་བརྒྱུད་ཀྱི་ལོ་ཙཱ་བ་གྲགས་ཅན་ཞིག རྗེ་ཙོང་ཁ་པའི་དངོས་སློབ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་གཉིས་ཀྱི་ནང་ཚན། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་བའམ། རྩེད་ཐང་པ་འགོས་ལོ་གཞོན་ནུ་དཔལ་བ་ཡེ་བཟང་རྩེ་པ་ཞེས་བྱ་བ་དེབ་ཐེར་སྔོན་པོ་མཛད་པ་པོ་དེ་ཡིན། (ཀློང་རྡོལ་བླ་མའི་གསུང་འབུམ་ནང་རྩེད་ཐང་པ་ཟེར་རྒྱུ་ལ་རྩེ་ཐང་པ་ཞེས་འཁོད་འདུག) (སྐད་གཉིས་སྨྲ་བའི་ལོ་ཙཱ་བ་གཉིས་ནི། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་བ་དང་། སྟག་ལུང་ལོ་ཙཱ་བ་གཉིས་སོ) མཁས་མཆོག་དེ་ཉིད་ཀྱིས་མཛད་པའི་དེབ་ཐེར་སྔོན་པོ་ནི། བོད་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར་ཐམས་ཅད་ཀྱི་ཕྱི་མོ་ལྟ་བུ་དང་། ཁུངས་བཙུན་ཤོས་སུ་བོད་ཀྱི་གྲུབ་མཐའ་ཐམས་ཅད་ཞལ་མཐུན་པར་གསུང་ངོ་། །མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། འགོས་ལོ་ནི་ལོ་རྒྱུས་སྨྲ་བ་ཐམས་ཅད་ཀྱི་ནང་ནས་ཁུངས་བཙུན་ཤོས་སུ་བརྩིས་འདུག་ཅིང་། གསུང་རེ་ཟུང་ལ་དོགས་པ་ཡོད་ཚུལ་གསུངས་པ་ཙམ་ལས་སྐྱོན་འདི་དང་འདི་འདུག་ཅེས་ཐེར་འདོན་བྱེད་པ་ཡང་མེད་དེ། དགེ་ཆོས་ཀྱི་དེབ་ཐེར་དཀར་པོ་ལས། རབ་ཏུ་དང་པོ་ཡན་ཆད་ཀྱི་ལོ་ཚིགས་རྣམས་གཏན་ལ་འབེབས་ཚེ། ཡང་དག་པར་ནི་འགོས་ལོ་ལྟ་བུའི་མཁས་པ་མ་གཏོགས་སུས་ཀྱང་མི་ནུས། འོན་ཀྱང་འགོས་ཀྱི་བཞེད་པ་ཡང་རྣམ་པ་ཀུན་ཏུ་ལོང་བས་གླང་མཇུག་གི་ཚུལ་དུ་བྱས་ན་མི་རུང་བ་ཡང་དེ་གཉིས་ཡོད་དམ་སྙམ། ཞེས་གསུངས་པ་ལྟར་རོ། ། (༡༣༩༢-༡༤༨༡)