From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འགྱུར
|
Tibetan Definition
|
(བྱེད་མེད་ལས་ཚིག) 1 ངོ་བོ་དང་རྣམ་པ་སོགས་མི་བརྟན་པར་གཞན་དུ་སོང་བ། བསམ་ཚུལ་དང་སྤྱོད་ཚུལ་འགྱུར། རང་གཤིས་འགྱུར་ལྟ་བུ། 2 (མིང་ཚིག) སྐད་ཡིག་སོགས་གཞན་ནས་གཞན་དུ་བསྒྱུར་བའི་བྱ་བའི་མིང་། དཔེར་ན་འགྱུར་ལེགས་མི་ལེགས་ཞེས་པ་ལྟ་བུ་དང་། རྗེའི་སྦས་དོན་ཀུན་གསལ་ལས། མར་དོའི་ “འགྱུར” ལེགས་སོ། །ཞེས་པ་ལྟ་བུ་དང་། རྗེའི་འགྲེལ་པ་བཞི་སྦྲགས་ལས་ཀྱང་། རྐང་པ་འདི་ལ་འགྲེལ་པའི་ “འགྱུར” མི་འདྲ་བ་གསུམ་ཡོད་ཀྱང༌། ཞེས་གསུངས་པ་ལྟ་བུའོ། །
|