From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཉིས་ཀའི་ཆ་ལས་རྣམ་གྲོལ
|
Tibetan Definition
|
ཉོན་མོངས་པ་དང་རྣམ་ཐར་གྱི་སྒྲིབ་པ་གཉིས་ཀ་ལས་གྲོལ་བའི་དགྲ་བཅོམ་པ། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་འགོག་སྙོམས་ཐོབ་པའི་དགྲ་བཅོམ་པ། དགྲ་བཅོམ་རྒྱན་ཅན་རྣམས་དོན་གཅིག སྒྲ་བཤད་ནི། ཤེས་རབ་ཀྱིས་ཉོན་མོངས་པའི་སྒྲིབ་པ་ལས་གྲོལ། ཏིང་ངེ་འཛིན་གྱིས་རྣམ་པར་ཐར་པའི་སྒྲིབ་པ་ལས་གྲོལ་བས་དེ་སྐད་ཅེས་བྱའོ། །རྣམ་པར་ཐར་པའི་སྒྲིབ་པ་ནི། ལེ་ལོ་དང༌། དམིགས་པ་བརྗེད་པ། བྱིང་བ་དང་རྒོད་པ། རྩོལ་བ་དང་མི་རྩོལ་བའི་ཉེས་པ་ལྔ་ལ་སོགས་པ་སྟེ། ཊཱིཀ་བྱེད་དག་གིས་རྣམ་པར་ཐར་པའི་སྒྲིབ་པ་ནི་གང་གིས་རྣམ་པར་ཐར་པ་དང༌། བསམ་གཏན་དག་སྐྱེད་པར་མི་ནུས་པ་སྟེ་ལུས་དང་སེམས་ལས་སུ་མི་རུང་བ་ཉིད་དོ། །ཞེས་མཆིམས་མཛོད་ན་གསལ།
|