7894

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགྱོད་པ
Tibetan Definition སྔར་བྱས་ཀྱི་ལས་ལ་ཕྱིས་གདུང་ཞིང་མྱ་ངན་བྱེད་པ་ལ་ཟེར། དེ་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་ཆ་ཡོད་དེ། སྔར་གྱི་སྡིག་པ་ལ་འགྱོད་པ་ལྟ་བུ་དགེ་བ་དང་། དགེ་བ་བྱས་པ་ལ་འགྱོད་པ་ལྟ་བུ་མི་དགེ་བའི་ཕྱོགས་དང་། ངས་རྩིག་པ་དེ་ལ་རི་མོ་ཅི་ཕྱིར་མ་བྲིས་སྙམ་པ་ལྟ་བུ་ལུང་མ་བསྟན་ཡིན་པ་ལྟ་བུའོ། །