7910

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགྲེང་འཆག་ཉལ་འདུག་གི་སྤྱོད་ལམ་བཞི
Tibetan Definition (འདུལ་བ) ཡར་འགྲེང་བའམ་ལང་བ་དང་། འཆག་པ་སྟེ་འགྲོ་བ་དང་། ས་ལ་འདུག་པ་དང་། གཉིད་ཉལ་བ་དང་བཞིའོ། །འདུལ་བ་ལུང་གཞི་༼ ང་པ ༽ལས། སྤྱོད་ལམ་རྣམ་པ་བཞི་མཛད་དེ། འདི་ལྟ་སྟེ། འཆག་པ་དང༌། བཞེངས་པ་དང༌། བཞུགས་པ་དང༌། མནལ་བ་མཛད་དོ། །ཞེས་གསུངས་པ་ལྟར་རོ། །རྗེའི་ལམ་རིམ་ཆེན་མོ་ལས་ཀྱང་། འཆག་པ་དང་འགྲེང་བ་དང་འདུག་པ་དང་ཉལ་བ་ནི་སྤྱོད་ལམ་བཞི་ཡིན་ལ། ཞེས་གསུངས་སོ། །འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་བཞི་དང་ཕལ་ཆེར་འདྲའོ། །ཁྱད་པར་རྣམས་དེའི་ཐད་དུ་གཟིགས།