From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འགྲེལ་ཆུང
|
Tibetan Definition
|
(འདུལ་བ) འདུལ་བ་མདོའི་འགྲེལ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཡོན་ཏན་འོད་ཀྱིས་མཛད་པར་གྲགས། མཚོ་ཊཱིཀ་ལས་འགྲེལ་ཆུང་ཞེས་མང་དུ་འབྱུང་བ་ཡང་དེ་ཡིན་ནོ། །བོད་ཀྱི་མཁས་པ་རྣམས་ཀྱིས་འདི་སློབ་དཔོན་གྱིས་མཛད་པར་ཐེ་ཚོམ་གྱི་གཞིར་མཛད་དེ། བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་དེབ་གཟུགས་༢༢༨ལས། འདུལ་བ་མདོའི་འགྲེལ་ཆུང་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་ཟེར་བ་འདི་ཐེ་ཚོམ་གྱི་གཞི་ཡིན། ཞེས་གསུངས་ཤིང་། སྡེ་དགེ་བསྟན་འགྱུར་དཀར་ཆག་གཞན་དུའང་། འདི་བོད་མར་ཐེ་ཚོམ་ཟའོ། །ཞེས་འབྱུང་ངོ་། །འདི་བསྟན་འགྱུར་འདུལ་བ་གླེགས་བམ་༼ ལུ་པའི ༽དབུར་བཞུགས་སོ། །
|