7916

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགྲེལ་པ་བཞི་སྦྲགས
Tibetan Definition རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་གསལ་བའི་ཚིག་དོན་ཇི་བཞིན་འབྱེད་པའི་མཆན་གྱི་ཡང་འགྲེལ་ཞེས་བྱ་བ། རྗེ་ཙོང་ཁ་པ་ཆེན་པོས་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་མཛད། འགྲེལ་བ་བཞི་སྦྲགས་ཞེས་པའི་འགྲེལ་པ་བཞི་འདྲེན་ཚུལ་ལ་མི་འདྲ་བ་གཉིས་ཡོད་དེ། 1 རྩ་རྒྱུད་རྩ་བ་ཡིན་པས་གྲངས་སུ་མི་བགྲང་། འགྲེལ་པ་བཞི་ནི། (༡) དཔལ་ལྡན་ཟླ་བའི་སྒྲོན་གསལ། (༢) དཀྱུས་མཆན་ཟུར་མཆན་གཉིས་གཅིག་ཏུ་བརྩིས། (༣) རྗེའི་ས་བཅད་བསྡུས་དོན། (༤) རྗེའི་མཐའ་གཅོད་མྱུ་གུ་དང་བཞི་ཡིན་ཟེར་བ་དང་།  2 ཡང་། རྩ་རྒྱུད་དང་སྒྲོན་གསལ་གཉིས་རྩ་བ། (༡) དཀྱུས་མཆན། (༢) ཟུར་མཆན། (༣) ས་བཅད་བསྡུས་དོན། (༤) མཐའ་གཅོད་མྱུ་གུ་དང་བཞི་ཡིན་ཟེར་བའི་ལུགས་གཉིས་སྣང་། རྗེ་གུང་ཐང་པས་འགྲེལ་པ་བཞིའི་ངོས་འཛིན་ཕྱི་མ་ལྟར་མཛད་པ། ཉིད་ཀྱིས་མཛད་པའི་ “ཀུན་མཁྱེན་འཇིགས་མེད་དབང་པོའི་རྣམ་ཐར” ན་གསལ། སྤྱིར་ན་དཀྱུས་མཆན་རྣམས་དཀྱུས་མའི་དོན་དང་། ཟུར་མཆན་རྣམས་འཕྲོས་དོན་ལས་དཀྱུས་མའི་དོན་མིན། རེ་གཉིས་ལ་དོན་དཀྱུས་མཆན་དུ་ཐོབ་པ་འདྲ་བ་ཞིག་བྱུང་ཡང་། དཀྱུས་མཆན་དུ་བྱས་ན་འགྲེལ་པའི་འཇུག་ཡུལ་གོང་འོག་གང་རུང་རེ་མ་འབྲེལ་བ་ཆེན་པོར་གྱུར་པ་དག་ཟུར་མཆན་དུ་བཀོད། གཞན་ཡང་། སྟེང་མཆན་དང་འོག་མཆན་གཉིས། ཟུར་མཆན་ལས་ཐ་སྙད་མི་འདྲ་བ་ཙམ་ལས་དོན་གཅིག་པར། རྒྱལ་མཆོག་བདུན་པ་ཆེན་པོས་བསྩལ་བའི་སྤར་བྱང་དུ་གསལ་བར་གསུངས་པར་བཤད། སྒྲ་བཤད་ནི། གོང་དུ་བཤད་པའི་འགྲེལ་པ་བཞི་པོ་དེ་དག་དང་སྦྲགས་ནས་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་དོན་འཆད་པས་ན་འགྲེལ་པ་བཞི་སྦྲགས་ཞེས་བྱའོ། །