7919

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགྲེལ་བ
Tibetan Definition (བྱེད་འབྲེལ་ལས་ཚིག་ད་ལྟ) ཚིག་དོན་གོ་དཀའ་བ་རྣམས་གསལ་དུའམ་གོ་སླ་རུ་གཏོང་བའི་དོན། འགྲེལ་བ། བཀྲལ་བ། དགྲོལ་བ། ཁྲོལ། འདི་ལ་བོད་རྒྱ་ཚིག་མཛོད་ཆེན་མོ་དང་། དག་ཡིག་གསར་བསྒྲིགས་གཉིས་ལ་བཞེད་ཚུལ་མི་མཐུན་པ་ཡོད་པས་དཔྱད་པར་འཚལ་ལོ། །སྒྲ་བཤད་ནི། མདུད་པ་འགྲོལ་བ་ལྟར་གཞུང་དོན་གོ་དཀའ་བའི་ཆ་རྣམས་སླ་རུ་གཏོང་བས་ན་འགྲེལ་བའམ་འགྲོལ་བ་ཞེས་བྱའོ། །བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཀྱི་བསྒྱུར་ཆོས་རྣམས་སུ་འགྲེལ་བ་ལ་འགྲོལ་བར་བསྒྱུར་ཡོད་པར། སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་དུ་གསུངས་ཤིང་། དེ་ནི་ཤིན་ཏུ་ལེགས་ཏེ། དོན་ལའང་དེ་ལྟར་གནས་སོ། །