From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འགྲོ་མགོན་གཙང་པ་རྒྱ་རས
|
Tibetan Definition
|
འབྲུག་པ་བཀའ་བརྒྱུད་ཀྱི་སྲོལ་འབྱེད། རྗེ་བཙུན་གཙང་པ་རྒྱ་རས་ནི། ཉང་སྟོད་ཁུ་ལེའི་ཆར་འཁྲུངས། མཚན་གཡུང་དྲུང་དཔལ་དུ་བཏགས། དགུང་གྲངས་བཅུ་གཉིས་པ་ལ། ཡབ་ཀྱིས་གཅེན་པོའི་སར་བཞག་ནས་སློབ་གཉེར་མང་དུ་མཛད། བཅུ་གསུམ་པ་ལ་སྐྲ་བཅད་དེ་མཚན་ཤེས་རབ་དཔལ་དུ་བཏགས། ཕྱིས་བླ་མ་ཞང་ལས་རབ་ཏུ་བྱུང་སྟེ་མཚན་ཡེ་ཤེས་རྡོ་རྗེ་ཞེས་བཏགས། ཉི་ཤུ་རྩ་གཉིས་པ་ལ་རྗེ་བཙུན་གླིང་རས་པ་ར་ལུང་ན་བཞུགས་པ་དང་མཇལ་ནས་གདམས་པ་མང་དུ་གསན། དེ་ནས་དབུས་སུ་བྱོན། སྣ་ཕུར་གླིང་རས་པ་ལ་སླར་ཡང་མཇལ་ནས་ཆོས་དྲུག་དང་། ལྷན་ཅིག་སྐྱེས་སྦྱོར་ལ་སོགས་པའི་གདམས་པ་གསན་པས་ཞག་བདུན་ནས་རས་ཐུབ་པ་བྱུང་། དགུན་འདག་སྦྱར་མཛད་དེ་བསྒོམས་པས་རླུང་ཕྱི་ནང་བསྲེ་ནུས་པ་དང་། རྩིག་པ་ལ་ཐོགས་མེད་དུ་བགྲོད་ནུས་པ་དང་། ཏིང་ངེ་འཛིན་གསལ་སྟོང་ནམ་མཁའ་དང་མཉམ་པར་འཁྲུངས། རས་ཆུང་པས་གཏེར་དུ་སྦས་པའི་རོ་སྙོམས་སྐོར་དྲུག་བཏོན། བླ་མ་ཞང་གི་ལུང་བསྟན་ལྟར་ཀློང་རྡོལ་གྱི་དགོན་པ་བཏབ། ཡི་དམ་གྱིས་ལུང་བསྟན་ལྟར་ར་ལུང་བཏབ། གླིང་རས་པས་ལུང་བསྟན་ལྟར་འབྲུག་དགོན་བཏབ་པ་བཅས་སོ། །
|