7968

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཆི་དུས་སུ་བསྟེན་དགོས་པའི་འདུ་ཤེས་བཅུ་གཅིག
Tibetan Definition བཅོམ་ལྡན་འདས་མྱ་ངན་ལས་འདའ་ཁར་དགེ་སློང་རྣམས་ལ་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་པའི་འཆི་དུས་ཀྱི་འདུ་ཤེས་བཅུ་གཅིག་ནི། འཕགས་པ་འདུ་ཤེས་བཅུ་གཅིག་བསྟན་པའི་མདོ་༼ ས་པ ༽༡༥༧ན༧ལས། བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་ན་གྱད་གྱི་ཉེ་འཁོར་ཤིང་སཱ་ལ་ཟུང་གི་ཚལ་ན་བཞུགས་ཏེ། ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ནམ་འཆི་བའི་དུས་ཀྱི་ཚེ་དགེ་སློང་གིས་འདུ་ཤེས་བཅུ་གཅིག་མངོན་དུ་བྱའོ། །བཅུ་གཅིག་གང་ཞེ་ན། ༡ (ཚེ) འདི་ལ་མ་ཆགས་པའི་འདུ་ཤེས། ༢ སེམས་ཅན་ཐམས་ཅད་ལ་བྱམས་པའི་འདུ་ཤེས་དང་། ༣ འཁོན་དུ་འཛིན་པ་ཐམས་ཅད་ཡོངས་སུ་དོར་བའི་འདུ་ཤེས་དང་། ༤ འཆལ་བའི་ཚུལ་ཁྲིམས་ཐམས་ཅད་བཤགས་པའི་འདུ་ཤེས་དང་། ༥ ཚུལ་ཁྲིམས་ཐམས་ཅད་ཡང་དག་པར་བླང་བའི་འདུ་ཤེས་དང་། ༦ ཉེས་པ་ཆེན་པོ་བྱས་པ་དག་ལ་ཡང་ཡང་བའི་འདུ་ཤེས་དང་། ༧ དགེ་བའི་རྩ་བ་ཆུང་ངུ་དག་ལ་ཆེ་བའི་འདུ་ཤེས་དང་། ༨ འཇིག་རྟེན་ཕ་རོལ་དག་ལ་འཇིགས་པ་མེད་པའི་འདུ་ཤེས་དང་། ༩ འདུས་བྱས་ཐམས་ཅད་མི་རྟག་པའི་འདུ་ཤེས་དང་། ༡༠ ཆོས་ཐམས་ཅད་ལ་བདག་མེད་པའི་འདུ་ཤེས་དང་། ༡༡ མྱ་ངན་ལས་འདས་པ་ནི་ཞི་བའོ་སྙམ་པའི་འདུ་ཤེས་མངོན་དུ་བྱའོ། །ཞེས་གསུངས་སོ། །