7986
Jump to navigation
Jump to search
འཆི་མེད་གནས | |
Tibetan Definition | མྱ་ངན་འདས་དང་ཐམས་ཅད་མཁྱེན་པའི་གོ་འཕང་། རྒྱུད་བླ་དར་ཊཱིཀ་ལས། ཕུལ་དུ་བྱུང་བའི་དམ་ཆོས་བདུད་རྩིའི་རོ། །གང་ཞིག་མྱངས་པས་འཆི་མེད་གནས་སྟེར་བ། །འཁོར་ལོ་བར་མཐའི་གསུང་གི་གཅེས་པའི་དོན། །རྗེ་བཙུན་བླ་མའི་གསུང་བཞིན་བཤད་པར་བྱ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། འཆི་བ་ལ་སོགས་པའི་གནོད་པ་མེད་པའི་གནས་ཡིན་པའི་ཕྱིར་འཆི་མེད་གནས་ཞེས་བྱའོ། ། |
---|