7997

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཆིང་བ
Tibetan Definition 2 (མིང་ཚིག) འཆིང་བྱེད་ཐག་པ་སོགས། འདི་བྱ་ཚིག་མིང་དུ་གྱུར་པ་ཡིན། འཆིང་བྱེད་ལ་འཆིང་བ་ཞེས་པ་བྱ་ཚིག་ད་ལྟ་བས་གྲུབ་པ་ཡོངས་གྲགས་ཡིན་མོད། འོན་ཀྱང་བྱ་ཚིག་མ་འོངས་པས་གྲུབ་པའི་ལུགས་ཀྱང་ཡོད་དེ། མགོན་པོ་ཀླུ་སྒྲུབ་ཀྱི་མདོ་ཀུན་ལས་བཏུས་པ་ལས། འཆིང་བའི་ཚབ་ཏུ་བཅིང་བ་ཞེས་བྱ་ཚིག་མ་འོངས་པས་གྲུབ་པའི་མིང་ཚིག་ཀྱང་བཞག་ཡོད་དེ། དེ་ཉིད་ལས། ༡ ཀྱེ་མ་སེམས་ཅན་འདི་དག་ནི་བདུད་ཀྱི་ཞགས་པའི་ “བཅིང” བས་བཅིངས་པ་གཡོ་བ་དང༌། ༢ གཤེད་མས་ “བཅིང” བ་ལྔས་དམ་པོར་བཅིངས་ནས་དུར་ཁྲོད་ཆེན་པོ། ཞེས་གསུངས་པའི་ཕྱིར་རོ། །དོགས་གཅོད། བྱ་ཚིག་གིས་གྲུབ་པའི་མིང་ལ་དུས་ད་ལྟ་བས་གྲུབ་པ་དཔེར་ན། འཆིང་བྱེད་ལ་ “འཆིང་བ” ཟེར་བ་ལྟ་བུ། མ་འོངས་པས་གྲུབ་པ་དཔེར་ན། “བཟའ་བ” དང་ “བཏུང་བ” སོགས་ཤིན་ཏུ་མང་། འདས་པས་གྲུབ་པ་དཔེར་ན། “བཟླས་པ” གསུམ་དང་རྣམ་གྲངས་བཅུ་གཉིས་ལྟ་བུ་དང་། “བཟླས་བརྗོད” ཅེས་པ་ལྟ་བུ། སྐུལ་ཚིག་གིས་གྲུབ་པ་དཔེར་ན། རྟ་སོགས་བཞོན་བྱ་ལ་ “ཆིབས་པ” ཟེར་བ་ལྟ་བུ། ད་དུང་གྲུབ་ཚུལ་གཞན་ཡང་ཡོད་སྣང་།