7999

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཆུམ་པ
Tibetan Definition (བྱེད་མེད་ལས་ཚིག) (བརྡ་རྙིང) ཆགས་པའི་བརྡ་རྙིང་། ཆགས་སེམས། སྲེད་པ། སྲེད་ཞེན། ཆགས་ཞེན། ཆགས་སེམས། བརྐམ་ཆགས་ཀྱི་སེམས། འཆུམ་པའི་སེམས། འདོད་རྔམ། འཁུ་བའི་སེམས་རྣམས་ཕལ་ཆེར་དོན་འདྲའོ། །འཆུམ་པ། འཆུམས་པ། འཆུམ་པ། རྗེའི་ལམ་རིམ་ཆེན་མོ་ལས། གཞན་གྱི་ནོར་ལ་སོགས་པ་བཟང་པོ་ལ་ཡོངས་སུ་རྟོག་ཅིང་རོ་མྱོང་བར་བྱེད་པས་འཆུམ་པའི་སེམས་དང་ལྡན་པ་དང་། ཞེས་གསུངས་པ་ལྟར་རོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས་ཀྱང་། འཆུམས་པ་ཞེས་བྱ་བ་ནི་སྐད་ཅིག་ཀྱང་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །ཞེས་གསུངས།