From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འཇམ་དབྱངས་ཀྱི་ཕྱག་མཚན་རལ་གྲི་དང་གླེགས་བམ་གྱི་མཚོན་དོན
|
Tibetan Definition
|
རལ་གྲིས་བདག་འཛིན་གྱི་འཁྲི་ཤིང་གཅོད་པ་དང་། གླེགས་བམ་གྱིས་ཟབ་མོའི་དོན་སྟོན་པར་མཚོན། རྗེའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལས། དཔུན་རྒྱན་གདུ་བུས་མཛེས་པར་བྱས་པ་ཡི། །གཡས་པའི་ཕྱག་ན་དངོས་འཛིན་འཁྲི་ཤིང་གི །ལྗོནཔ་དྲུངས་ནས་གཅོད་པའི་རལ་གྲི་ནི། །འབར་བའི་འོད་ཀྱི་དྲ་བ་འགྱེད་པ་བསྣམས།། ཞི་སྒོ་གཉིས་སུ་མེད་པའི་རྟེན་འབྲེལ་ལམ། །མ་ལུས་གསལ་བར་སྟོན་པའི་གླེགས་བམ་མཆོག །ཨུཏྤལ་སྔོན་པོའི་ལྟེ་བར་གནས་པ་ཡི། །སྡོང་བུ་གཡོན་པའི་ཕྱག་གིས་ཐུགས་ཀར་འཛིན། །ཞེས་གསུངས་པ་ལྟར་རོ། །
|