8032

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇམ་དབྱངས་ཨ་ར་པ་ཙ་ན
Tibetan Definition 1 འཇམ་དབྱངས་གཙོ་འཁོར་ལྔ་པ་ཞིག་སྟེ། གཙོ་བོ་ནི། སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞལ་ཅུང་ཟད་འཛུམ་པ། པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་བཞུགས་པ། ཕྱག་གཡས་ཀྱིས་ཤེས་རབ་ཀྱི་རལ་གྲི་འཕྱར་བ། གཡོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་ཐུགས་ཀར་འཛིན་པ། དེའི་གཡས་སུ་སྐྲ་ཅན་མ། གཡོན་དུ་ཉེ་བའི་སྐྲ་ཅན་མ། མདུན་དུ་དྲ་བ་ཅན་གྱི་འོད། རྒྱབ་ཏུ་ཟླ་འོད་བཅས་སོ། །ཅུང་ཟད་ཞིབ་ཏུ་བཤད་ན། དབུས་སུ་ཨ་ལས་འཇམ་དབྱངས། དེ་གཡས་སུ་ཙ་ལས་སྐྲ་ཅན་མ། གཡོན་དུ་ན་ལས་ཉེ་བའི་སྐྲ་ཅན་མ། མདུན་དུ་ར་ལས་དྲ་བ་ཅན་གྱི་འོད། རྒྱབ་ཏུ་པ་ལས་ཟླ་འོད་བཅས་སོ། །འདིའི་སྒྲུབ་ཐབས་སྐོར། རྒྱ་གར་གྱི་སློབ་དཔོན་ཤྲངདྷཱ་ཀར་ཝརྨྨས་མཛད་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས། བསྟན་འགྱུར་རྒྱུད་འགྲེལ་༼ ནུ་པ ༽༧༩ན༡ན་གསལ། ཡང་དངོས་གྲུབ་བརྙེས་པའི་སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས། བསྟན་འགྱུར་རྒྱུད་འགྲེལ་༼ ནུ་པ ༽ ༨༠བ༣ན་བཞུགས། ཡང་དེ་ཉིད་ཀྱིས་མཛད་པའི་སྒྲུབ་ཐབས། བསྟན་འགྱུར་རྒྱུད་འགྲེལ་༼ ནུ་པ ༽༨༡བ༡ན་བཞུགས་པ་བཅས་རྒྱུད་འགྲེལ་༼ ནུ་པའི ༽ནང་འདིའི་སྒྲུབ་ཐབས་ཁག་གསུམ་དང་། ཡང་བསྟན་འགྱུར་རྒྱུད་འགྲེལ་༼ མུ་པའི ༽༨ན༧ན། ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ། ཨ་ར་པ་ཙ་ནའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་མི་ཕམ་བཤེས་གཉེན་གྱིས་མཛད་པ། དེའི་ཤོག་གྲངས་༡༨༣ན༧སོགས་སུ། ཨ་ར་པ་ཙ་ནའི་སྒྲུབ་ཐབས་སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ། ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས། འཕྲལ་དུ་ཉམས་སུ་མྱོང་བའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས། ཨ་ར་པ་ཙ་ནའི་སྒྲུབ་ཐབས་བཅས་སྒྲུབ་ཐབས་དྲུག་ཙམ་བཞུགས་སོ། །དེས་ན་རྒྱུད་འགྲེལ་༼ ནུ་པར ༽ཁག་གསུམ་དང་། ༼ མུ་པར ༽ཁག་དྲུག་སྟེ་བསྡོམས་བསྟན་འགྱུར་ནང་འདིའི་སྒྲུབ་ཐབས་ཁག་དགུ་བཞུགས་སོ། །