8050
Jump to navigation
Jump to search
འཇི་བ | |
Tibetan Definition | 2 འཇིམ་པ། འདམ། འདམ་བག ཚོམས་ལས། དཔེར་ན་རྫ་མའི་མཁན་པོ་ཡིས། །འཇིམ་པ་ལས་ནི་སྣོད་བྱས་པ། །ཞེས་པའི་ཐད་ཀྱི་ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་༼ ཏུ ༽༦༨བ༦ལས། འཇི་བའི་སྣོད་ཅེས་བྱ་བ་སྨོས་ཏེ། འཇི་བ་ཉིད་ཡིན་པས་འཇི་བ་སྟེ། འཇི་བའི་རང་བཞིན་གྱི་སྣོད་དམ་པ་ལས་བྱས་པའི་སྣོད་དང་ཆ་བྱད་ཅེས་བྱ་བའི་དོན་ཏོ། །ཞེས་གསུངས་པ་ལྟར་རོ། །ཕལ་ཆེར་དཔེ་ཁ་ཅིག་ན། འཇི་བ་ལས་ནི་སྣོད་བྱས་པ། །ཞེས་བྲིས་ཡོད་པར་སེམས། |
---|