8065

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་རྟེན་ཆོས་བརྒྱད
Tibetan Definition རྙེད་པ་བྱུང་ན་དགའ་བ། མ་བྱུང་ན་མི་དགའ་བ། བདེ་བ་བྱུང་ན་དགའ་ལ། སྡུག་བསྔལ་བྱུང་ན་མི་དགའ་བ། སྙན་གྲགས་བྱུང་ན་དགའ་ལ། མ་བྱུང་ན་མི་དགའ་བ། བསྟོད་ན་དགའ་ལ། སྨད་ན་མི་དགའ་བའི་ཆགས་སྡང་གི་བློ་བརྒྱད་པོ་རྣམས་སོ། །དེ་ལ་ཆོས་བརྒྱད་ཅེས་ཀྱང་བྱའོ། །ཆོས་བརྒྱད་ནི། འཕགས་པ་ཀླུ་སྒྲུབ་ཀྱི་བཤེས་སྤྲིང་ལས། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཅེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། ཆོས་བརྒྱད་པོ་དེ་དག་འཇིག་རྟེན་ན་གྲགས་ཤིང་ཡོད་པའི་ཕྱིར་འཇིག་རྟེན་གྱི་ཆོས་བརྒྱད་དོ། །ཞེས་རྒྱ་གར་གྱི་སློབ་དཔོན་བུདྡྷ་གུཔྟས་མཛད་པའི་ཚད་མེད་པ་བཞིའི་རྒྱ་ཆེར་འགྲེལ་པ་ལས་བཤད་པ་ལྟར་རོ། །ཆོས་བརྒྱད་མགོ་སྙོམས་ལ་གཟིགས།