8067

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་རྟེན་ན་གྲགས་པའི་རྒན་པ་བཞི
Tibetan Definition རྒན་པ་ལ་རིགས་ཀྱིས་རྒན་པ། ན་ཚོད་ཀྱིས་རྒན་པ། ནོར་གྱིས་རྒན་པ། ཐོས་པས་རྒན་པ་དང་བཞི་ཡོད། འདུལ་བ་ལུང་གཞི་བམ་པོ་དང་པོ་མཽང་གལ་བུའི་ལོ་རྒྱུས་འཆད་པའི་སྐབས་ལས། མི་གང་རིགས་ཀྱིས་རྒན་པ་དང་། །ན་ཚོད་རྒན་དང་ནོར་གྱིས་རྒན། །དེ་ཀུན་ཐོས་པས་རྒན་པ་ཡི། །སྒོ་ན་དོན་ཀུན་གཉེར་བས་སྡོད། །ཅེས་གསུངས་སོ། །འཇུ་མི་ཕམ་གྱི་གསུང་དུའང་འདི་འདྲ་ཞིག་ཡོད་པར་དྲན།