8070

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་རྟེན་པའི་ཡང་དག་པའི་ལྟ་བ
Tibetan Definition (ཕར་ཕྱིན) ལས་འབྲས་ལ་གཏིང་ནས་ཡིད་ཆེས་པའི་ངེས་པ་རྙེད་པ་ལ་ཟེར། སྟོང་ཐུན་སྐལ་བཟང་མིག་འབྱེད་༤༧བ༡ལས། དེ་ལྟར་རྒྱུ་འབྲས་ཀྱི་ཚུལ་ལ་གཏིང་ནས་ཡིད་ཆེས་པའི་ངེས་པ་རྙེད་པ་དེ་ལ་ནི་མདོ་སྡེ་རྣམས་ལས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་གསུངས་ལ། སྟོང་པ་ཉིད་ཕྱིན་ཅི་མ་ལོག་པར་ངེས་པ་ལ་ནི་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ། ཞེས་གསུངས་ཏེ། ཞེས་གསུངས་སོ། །གུང་ཐང་བསྟན་པའི་སྒྲོན་མེའི་རྗེའི་བསྟོད་པ་དོན་ལྡན་མའི་འགྲེལ་པ་༥༩ལས། ལས་འབྲས་ཡོད་པར་ཡིད་ཆེས་པའི་ལྟ་བ་འདི་ལ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཟེར་བའི་རྒྱུ་མཚན་ཡང་། གནས་ལུགས་མཐོང་བའི་ལྟ་བ་མཐར་ཐུག་གི་སྔོན་དུ་སྐྱེད་དགོས་པ་སྨིན་བྱེད་སྦྱོར་བ་ལྟ་བུ་ཡིན་པའི་ཆ་ནས་ཀྱང་བཤད་མོད། གཙོ་བོ་ནི་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་པའི་ལྟ་བ་ཡིན་པས་ན་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་སྟོང་ཐུན་ལས་གསུངས་པ་ལྟར་རོ། །ཞེས་གསུངས། རྗེའི་ལམ་རིམ་ཆེན་མོ་ལས། བདེ་སྡུག་གི་ཁྱད་པར་སྣ་ཚོགས་པ་རྣམས་ཀྱང་ལས་གཉིས་ཀྱི་ཁྱད་པར་སྣ་ཚོགས་ལས་ཅུང་ཟད་ཀྱང་མ་འཆོལ་བར་སོ་སོར་འབྱུང་བའི་ལས་འབྲས་ངེས་ཅན་ནམ་མི་སླུ་བ་ལ་ངེས་པ་རྙེད་པ་ནི། སངས་རྒྱས་པ་ཐམས་ཅད་ཀྱིས་ཡང་དག་པའི་ལྟ་བ་ཞེས་པ་དཀར་ཆོས་ཐམས་ཅད་ཀྱི་གཞིར་བསྔགས་པའོ། །ཞེས་གསུངས་སོ། །