8085

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇིག་ལྟ་ཉི་ཤུ
Tibetan Definition 2 འཇིག་ལྟ་ཉི་ཤུ་ནི་ཐེག་དམན་གྱི་མདོར་ཡང་འབྱུང་བས་དེ་ལྟར་ན། གང་ཟག་གི་བདག་མེད་ལ་སྦྱར་བར་བྱའོ། །འདུལ་བ་ལུང་གཞི་༼ ག་པ ༽ལས། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དེ་རྣམས་ཀྱི་བསམ་པ་དང༌། བག་ལ་ཉལ་བ་དང༌། ཁམས་དང༌། རང་བཞིན་ཤེས་ནས་འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པ་བྱས་ཏེ། དེ་ཐོས་ནས་དེ་རྣམས་ཀྱིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། ཞེས་གསུངས་སོ། །