8107

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇུད་པ
Tibetan Definition (བརྡ་རྙིང) 1 ནང་དུ་འཇུག་པ། 2 ཕོ་མཚན་གྱི་མིང་། འདུལ་བ་རྣམ་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༣༠བ༧ལས། འཇུད་མཐུན་མ་ཞེས་བྱ་བ་ནི་སྨད་འཚོང་མ་སྟེ། འཇུད་པ་ཞེས་བྱ་བ་ནི་ཕོའི་དབང་པོ་སྟེ། གཞུག་པར་བྱ་བ་མོའི་དབང་པོ་དེར་འཇུད་པར་བྱེད་པ་ཡིན་པས་འཇུད་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ། །3 མོ་མཚན། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། འདིར་འཇུད་པར་བྱེད་པས་ན་འཇུད་པ་སྟེ། བུད་མེད་ཀྱི་ཟག་བྱེད་ཀྱི་ལམ་ཡིན་ལ། ཞེས་གསུངས། ཞིབ་པར་གོང་དུ་འཇུད་མཐུན་མ་ཞེས་པའི་ཐད་དུ་གཟིགས།