8124

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇོག་སྒོམ
Tibetan Definition དམིགས་པ་གཅིག་ཉིད་ལ་སེམས་བཟུང་བའི་སྒོམ་ལ་ཟེར། ཡང་ན་དཔྱད་སྒོམ་གྱིས་གཏན་ལ་ཕབ་པའི་དོན་དེ་ཉིད་ལ་སེམས་རྩེ་གཅིག་ཏུ་གནས་པའི་སྒོམ་ལ་ཟེར། འདི་ཏིང་ངེ་འཛིན་ནམ་ཞི་གནས་ཀྱི་ཕྱོགས་སུ་བསྡུའོ། །མདོར་ན་འཇོག་སྒོམ་ནི་ཞི་གནས་ཀྱི་སྒོམ་ཡིན། དཔྱད་སྒོམ་ནི་ལྷག་མཐོང་གི་སྒོམ་ཡིན་ནོ། །སྒོམ་ཞེས་པའི་ཐད་དུ་གཟིགས།