8128

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཐག་པ་བསྐྱེད་པའི་སྤང་ལྟུང
Tibetan Definition (འདུལ་བ) སྤང་ལྟུང་སུམ་ཅུའི་ཉེར་བཞི་པ། འཐག་པ་བསྐྱེད་པའི་སྤང་པའི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་རང་ལ་བསྔོས་པའི་གོས་སྦྱིན་བདག་གིས་འཐག་ཏུ་འཇུག་པ་དེ་ཞེང་དཀྱུས་ཆེར་བསྐྱེད་པའམ་ཐགས་བཟང་དུ་བསྐྱེད་པ་ལས་གྱུར་བའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་ཉེ་དགས་འཐག་པ་བསྐྱེད་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྦྱིན་བདག་དང་ཐ་ག་པའི་ལོངས་སྤྱོད་ལ་གནོད་པ་དང་། རང་འདོད་པ་ཆེ་བའོ། །