8140

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཐས་པ
Tibetan Definition 2 བརྟས་པའི་དོན་ལའང་བཤད། ལུང་རྣམ་འབྱེད་༼ ཅ ༽༤༨བ ༥ལས། རྒྱ་མཚོ་འབའ་ཞིག་ཏུ་གྱུར་པའི་སྟེང་དུ་རླུང་གིས་པྲིས་མ་ཀུན་ཏུ་ཆགས་པར་བྱེད། ཀུན་ཏུ་འཐས་པར་བྱེད། ཀུན་ཏུ་ཁྱབ་པར་བྱེད་དེ། ཞེས་གསུངས་པ་ལྟ་བུ། དེའི་ཐད་ཀྱི་འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༣༤བ༤ལས། ཀུན་ཏུ་ཆགས་པར་བྱེད་ཅེས་བྱ་བ་ནི་ཀུན་ཏུ་བརྟས་པར་བྱེད་པའོ། །ཀུན་ཏུ་ཁྱབ་པར་བྱེད་ཅེས་བྱ་བ་ནི་ཀུན་ཏུ་འབྱེད་པར་བྱེད་པའོ། །ཞེས་གསུངས་པ་ལྟར་རོ། །