8144

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཐུན་པ
Tibetan Definition མཐུན་པའི་འབྲི་ཚུལ་གཞན། འདི་མྱང་འདས་སོགས་སུ་གསལ་ཏེ། མདོ་མྱང་འདས་༼ ཐ ༽ ༩༦ན༢ལས། འཇིག་རྟེན་དང་འཐུན་པར་བྱེད་པ་མ་ཡིན་ནོ་ཞེས་ཟེར་བ་དེ་ལྟའི། ཞེས་དང་། ཡང་༡༤༧ན༥ལས། གཞན་དང་མི་འཐུན་བརྟག་མི་བྱ། །ཞེས་དང་། གཞན་ཡང་མི་འཐུན་པ་བརྟག་པར་བྱ་སྟེ། ཞེས་སོགས་གསུངས་སོ། །འདི་འཐུན་པ་ལ་མ་གཏོགས་མི་མཐུན་པ་ལ་འབྲི་སྲོལ་མེད་ཅེས་བྱ་བའི་ཁུངས་མེད་ཀྱི་གཏམ་ཡང་འདིས་ཁེགས་སོ། །