8145

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཐོན་ཇ
Tibetan Definition སེར་བྱེས་མཁས་སྙན་གྲྭ་ཚང་གི་ལྷ་རམས་འཛིན་གྲྭའི་སློབ་གཉེར་ཟིན་ཏེ་འཛིན་གྲྭ་ནས་འཐོན་སྐབས། འཛིན་གྲོགས་རྣམས་ལ་ཐུགས་རྗེ་ལེགས་འབུལ་དང་དགའ་སྟོན་མཚོན་བྱེད་དུ་གསོལ་ཇ་སོགས་ཀྱི་བསྙེན་བཀུར་ཞུ་བ་ལ་ཟེར། འགའ་ཞིག་གིས་འཐེན་ཇ་ཟེར་བ་ནི་ནོར་ཞིང་རྟེན་འབྲེལ་དང་ཡང་མི་ལེགས།