8153

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདམ་བུ
Tibetan Definition འདམ་གྱི་ནང་དུ་སྐྱེ་བའི་རྩྭ་རིང་ལ་སྦོམ་པ་ཞིག་གི་མིང་། རྒྱ་གར་ལྷོ་ཕྱོགས་སུ་རྒྱུག་ཆུའི་ནང་ཆེས་མང་པོ་སྐྱེ་ཞིང་། སེ་རའི་རྒྱབ་ལོགས་ཀྱི་རྒྱུག་ཆུའི་ནང་ཡང་མང་པོ་ཡོད། འདིས་ཆོས་གོས་ཀྱི་ཟ་མ་ཏོག་སོགས་བཟོ་བར་བྱེད། ལུང་ཞུ་བའི་འགྲེལ་པ་ལས། ཆོས་གོས་ཀྱི་ཟ་མ་ཏོག་ནི་ཆོས་གོས་ཀྱི་བཞག་ཏུ་རུང་བའི་སྣོད་ཀྱི་ཁྱད་པར་འདམ་བུའི་རྩེ་མོའི་སྡོང་བུ་ཕྲ་ཞིང་མཉན་པ་ལ་སོགས་པ་ལས་བྱས་པ་ཟླུམ་པོ་ཞིག་གོ། ཞེས་གསུངས་པ་ལྟར་རོ། །