8160

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདའ་ཀ་ཡེ་ཤེས་ཞེས་བྱ་བའི་མདོ
Tibetan Definition འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། འཆི་ཁའི་དུས་སུ་བསམ་བློའི་ཁྱེར་སོ་ཇི་འདྲ་ཞིག་བཅང་དགོས་པའི་སྐོར་གྱི་མདོ་ཞིག འདི་ལ་ངོས་ཤོག་གཅིག་དང་ཡིག་ཕྲེང་གཅིག་མ་གཏོགས་མེད། སྡེ་དགེ་བཀའ་འགྱུར་མདོ་སྡེ་༼ ཐ་པ ༽༡༥༣ན༡ན་བཞུགས་སོ། །རྒྱ་གར་སྐད་དུ། ཨཱརྱ་ཨཱ་ཏ་ཛྙ་ན་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ། ཞེས་བྱའོ། །བུ་སྟོན་ཆོས་འབྱུང་དེབ་གཟུགས་༢༡༩ལས། འདའ་ག་ཡེ་ཤེས་ཤོ་ལོ་ཀ་བཅུ་རྒྱ་ལས་འགྱུར་བར་དཀར་ཆག་ལྡན་དཀར་མར་བྲིས། ཞེས་གསུངས་ཀྱང་དཔྱད་དགོས་ཏེ། རྒྱ་ནག་ལས་འགྱུར་བ་རྣམས་ལ་འགོར་རྒྱ་གར་དུ་ཞེས་པ་མེད་ལ། འདིར་ཡོད་པའི་ཕྱིར་རོ། །དཔེར་ན། མྱ་ངན་ལས་འདས་པ་ཆེན་པོའི་མདོ་༼ ཉ ༽༼ ཏ ༽རྒྱ་ནག་ལས་འགྱུར་བ་རྣམས་ལ། འགོར་རྒྱ་སྐད་སྨོས་པ་མེད་པའི་ཕྱིར་རོ། །