8174

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདི་ལྟ་སྟེ
Tibetan Definition (བརྡ་སྤྲོད) འདི་ལྟ་བུ་ཡིན་ཏེ། ཞེས་ཉེ་བར་སྟོན་པའི་ཚིག འདི་འདྲ་རེད་ཅེས་གསལ་བཤད་བྱེད་པའི་ཚིག འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། འདི་ལྟ་སྟེ་ཞེས་བྱ་བ་ནི་ཉེ་བར་བསྟན་པའི་ཐ་ཚིག་གོ། ཞེས་གསུངས་པ་ལྟར་རོ། །ཚིག་མགོ་དྲང་བ་དང་། ཚིག་རྒྱན་ཡིན་གསུངས་ཏེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྒྱ་ཆེར་འགྲེལ་པ་༼ ཅི ༽༡༡༤ན༢ལས། འདི་ལྟ་སྟེ་ཆོས་བརྒྱད་ལ་མཁས་པའོ་ཞེས་བྱ་བ་སྨོས་ཏེ། འདི་ལྟ་སྟེ་ཞེས་བྱ་བ་ནི། ཚིག་མགོ་དྲང་བ་དང་། ཚིག་གི་རྒྱན་དུ་བྱ་བའོ། །ཞེས་གསུངས་སོ། །