8181

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུ་བྱེད་གསུམ
Tibetan Definition (ཕར་ཕྱིན) ལུས་ཀྱི་འདུ་བྱེད། ངག་གི་འདུ་བྱེད། ཡིད་ཀྱི་འདུ་བྱེད་དང་གསུམ་མོ། །འདི་དང་ལུས་ངག་ཡིད་གསུམ་གྱི་ལས་རྣམས་དོན་གཅིག ལེགས་བཤད་གསེར་ཕྲེང་སྨད་ཆ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་མ་རིག་པའི་རྟེན་འབྲེལ་བཤད་པའི་སྐབས་ལས། འདི་ཡང་འདུ་བྱེད་གསུམ་ཀུན་ནས་སློང་བའི་རྒྱུར་གྱུར་པའོ། །ཞེས་པའི་འདུ་བྱེད་གསུམ་ནི་གོང་དུ་བཤད་པ་དེ་རང་ཡིན་ནོ། །དེ་ཡིན་པའི་རྒྱུ་མཚན་ནི། དེའི་ཐད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་མདོ་༼ ཚ ༽༡༢༤ན༤ལས། འདུ་བྱེད་ནི་རྣམ་པ་གསུམ་སྟེ། གསུམ་གང་ཞེ་ན། ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་དོ། །ཞེས་གསུངས་སོ། །