From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འདུ་བྱེད་བཏང་སྙོམས
|
Tibetan Definition
|
(ཕར་ཕྱིན) སེམས་བྱིང་རྒོད་དང་བྲལ་བའི་ཚེ་གཉེན་པོ་མངོན་པར་འདུ་མི་བྱེད་པར་བཏང་སྙོམས་སུ་འཇོག་པར་བྱེད་པའི་སེམས་བྱུང་དགེ་བ་ཞིག་ལ་ཟེར། འདུ་བྱེད་བཏང་སྙོམས་དང་སེམས་གནས་དགུ་པ་གཉིས་གནད་གཅིག་པར་ལམ་རིམ་ཆེན་མོར་གསུངས་ཏེ། དབུས་མཐའ་ནས་སྤོང་བའི་འདུ་བྱེད་བརྒྱད་བཤད་པའི་བཏང་སྙོམས་ནི་འདིའི་སེམས་དགུ་པ་དང་གནད་གཅིག་ཡིན་ལ། ཞེས་གསུངས་སོ། །སྒྲ་བཤད་ནི། བྱིང་རྒོད་འགོག་པའི་འདུ་བྱེད་དམ་རྩོལ་བ་བཏང་ནས་སེམས་སྙོམས་པ་སྟེ་རྣལ་དུའམ་རང་བབས་སུ་བཞག་པས་ན་དེ་སྐད་ཅེས་བརྗོད། འདུ་བྱེད་བཏང་སྙོམས་ནི་སེམས་བྱུང་ང་གཅིག་གི་ནང་ཚན་དགེ་བ་བཅུ་གཅིག་ལས་བཏང་སྙོམས་ཞེས་པ་དེ་ཡིན།
|