8209

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུན་པ
Tibetan Definition (ཕར་ཕྱིན) 1 (བྱེད་མེད་ལས་ཚིག) འདོད་པའམ་དོན་དུ་གཉེར་བ། རེ་བ་བྱེད་པ། ཆོས་ལ་འདུན་པ་ཞེས་པ་ལྟ་བུ། 2 (མིང་ཚིག) འདོད་པའི་མིང་ཙམ། སློབ་གཉེར་བྱེད་འདོད་ཀྱི་འདུན་པ་ཞེས་པ་ལྟ་བུ། 3 (མིང་ཚིག) ཡུལ་ངེས་ལྔའི་དང་པོ་ནི། བསམ་པའི་དངོས་པོ་ལ་དམིགས་ནས་དོན་དུ་གཉེར་བས་རབ་ཏུ་ཕྱེ་བའི་སེམས་བྱུང་ཞིག་ལ་ཟེར། བྱེད་ལས་ནི། བརྩོན་འགྲུས་རྩོམ་པའི་རྟེན་བྱེད་པའོ། །4 (མིང་ཚིག) འདོད་ཆགས་ཀྱི་མིང་། འདུན་པ་ (འདོད་ཆག) དང་གནོད་སེམས་ (ཁོང་ཁྲོ) གཉིས་ཞེས་པ་ལྟ་བུ། 5 (བྱ་ཚིག) དགའ་བ་དང་མོས་པ་ལའང་འཇུག དཔེར་ན་ཆོས་ལ་འདུན་པ་ཞེས་པ་ལྟ་བུའོ། །འདི་ལ་བྱ་ཚིག་དང་མིང་ཚིག་གཉིས་ཀ་ཡོད། 6 (བྱ་ཚིག) ཚོགས་པའི་དོན། ལི་ཤིའི་གུར་ཁང་ལས། འདུན་པ་ནི་ཚོགས་པ་ཞེས་གསུངས། དཔེར་ན་དགེ་བ་ལ་འདུན་པ་དང་། དགའ་འདུན་ལ་འདུན་པ་ཞེས་པ་ལྟ་བུ། 7 (མིང་ཚིག) སྐྱེ་བོ་མང་པོ་འདུ་བའི་གནས་ལ་ཟེར། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༥༡ན༣ལས། འདུན་པ་ནི་སྐྱེ་བོ་མང་པོ་འདུ་བའི་གནས་སོ། །ཞེས་གསུངས་པ་ལྟར་རོ། །ཚོགས་པའི་མིང་ཙམ། དཔེར་ན་འདུན་ཁང་། འདུན་ས་ཞེས་པ་ལྟ་བུ། 8 (མིང་ཚིག) <ཙནྡ་ཀ> (འདུལ་བ) སྟོན་པ་ཐུབ་པའི་དབང་པོའི་ཉན་ཐོས་ཤིག འགའ་ཞིག་གིས་འདི་སྔོན་སྟོན་པ་ཁབ་ཏུ་བཞུགས་སྐབས་ཀྱི་ཤིང་རྟའི་ཁ་ལོ་པ་དེ་རེད་ཟེར། 9 (མིང་ཚིག) <ཙནྡ་ཀ> རྒྱལ་བུ་གཞོན་ནུ་དོན་གྲུབ་ཀྱི་ཤིང་རྟའི་ཁ་ལོ་པའི་མིང་། འདིའི་དོགས་གཅོད། སྨོན་འདྲིན་དང་། དགེ་འདུན་ཞེས་པའི་ཐད་དུ་གཟིགས། q <ཙནྡ་ཀ> ཟླ་བ་དང་ཟླ་འོད་ལའང་འཇུག་པར་བཤད།