8210

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུན་པ་དང་ཡོངས་དག་འབུལ་བའི་དོན
Tibetan Definition (འདུལ་བ) འདུན་པ་འབུལ་བ་ནི་གསོ་སྦྱོང་གི་ལས་ཆགས་པའི་ཆེད་དུ་དང་། ཡོངས་དག་འབུལ་བ་ནི་རང་ཉིད་གསོ་སྦྱོང་ལ་མ་སླེབས་ཀྱང་གསོ་སྦྱོང་བྱེད་པའི་གོ་ཆོད་པའི་ཆེད་དུ་ཡིན། འདུལ་བ་གཞིའི་རྒྱ་ཆེར་འགྲེལ་ལས། འདུན་པ་དང་ཡོངས་སུ་དག་པ་གཉིས་ལ་བྱེ་བྲག་ཅི་ཡོད་ཅེ་ན། འདུན་པ་འབུལ་བ་ནི་ལས་མཐུན་པ་བསྒྲུབ་པའི་ཕྱིར་རོ། །ཡོངས་སུ་དག་པ་འབུལ་བ་ནི་བདག་ཉིད་ཀྱིས་གསོ་སྦྱོང་ཉམས་སུ་མྱོང་བར་བྱ་བའི་ཕྱིར་རོ། །བདག་ཉིད་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་དག་པར་དབུལ་བར་བྱ་ཞིང་དགེ་འདུན་གྱིས་ལས་མཐུན་པར་བྱ་བའི་ཕྱིར་དེའི་འདུན་པ་ཡང་བླང་བར་བྱའོ། །ཞེས་གསུངས་པ་ཡིན་ནོ། །ཞེས་གསུངས།