8212

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུན་པ་འབུལ་བ
Tibetan Definition (འདུལ་བ) དགེ་སྦྱོང་ནད་པ་དང་ལས་བྱེད་སོགས་གསོ་སྦྱོང་དང་དགག་དབྱེར་འདུར་མ་བཏུབ་པ་རྣམས། དེ་དག་མ་བྱས་པའི་ཉེས་པ་ཁེགས་པ་དང༌། དགེ་འདུན་གྱི་ལས་འཆགས་པར་བྱ་བའི་ཕྱིར། དགེ་འདུན་གྱིས་བསྐོས་པའི་དགེ་སྦྱོང་ལ་འདུན་པ་འབུལ་བའི་སྔགས་ཚིགས་ལན་གསུམ་བརྗོད་པའོ། །དེ་ལ་དད་པ་འབུལ་བ་ཞེས་ཀྱང་བྱ། སྒྲ་བཤད་ནི། འདུན་པ་ནི་དད་པ་དང་འབུལ་བ་ནི་བྱེད་པ་སྟེ། དད་པ་བྱེད་པ་ཞེས་བྱ་བའི་དོན་ནོ། །དེ་ཡང་དགེ་འདུན་ཆོས་བཞིན་མཛད་པ་ལ། རྗེས་སུ་ཡི་རངས་པ། དེ་ལ་ཉེ་བར་ཕྱོགས་པ། ཁས་བླངས་པ། ཁས་ལེན་པར་བྱེད་པས་འདུན་པའམ་དད་པ་འབུལ་བ་ཞེས་བྱའོ། །སྤྱིར་འདུན་པ་དང་ཡོངས་དག་དུས་གཅིག་ཏུ་འབུལ་ཡང་སྔ་ཕྱིར་ཡང་འབུལ་དུ་རུང་བར་སོ་ཐར་གྱི་མདོའི་རྒྱ་ཆེར་འགྲེལ་རྣམས་སུ་གསུངས། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༣༣ན༦ལས། འདུན་པ་འབུལ་བ་ཞེས་བྱ་བ་ནི་ཉེ་བར་ཞི་བའི་ལས་དབྱེ་བའི་ཕྱིར་འདུན་པ་ཕུལ་བའོ། །ཞེས་གསུངས་སོ། །འདིའི་ལས་དབྱེ་ཞེས་པ་ལས་བྱེད་དུ་འཇུག་པའམ་ལས་བྱེད་པའི་གོ་སྐབས་དབྱེ་བའམ་སྤྲད་པའི་དོན་ཡིན་ནོ། །