8215

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུན་མ
Tibetan Definition 2 འདུན་བྱ། འདུན་པའི་ཡུལ། བློ་རྩེ་གཏད་ས། བློ་ཕུགས་གཏད་ས། དོན་དུ་གཉེར་བྱ། བསམ་དོན། འདོད་དོན། གོ་འཕང་། ཕུགས་ཀྱི་དམིགས་ཡུལ། འཐོབ་བྱ། སྒྲ་བཤད་ནི། འདུན་མ་ཞེས་པ་འདུན་པ་དང་དོན་གཅིག་པར་སེམས་ཤིང་། འདུན་པ་ཞེས་པ་འདུན་པའི་ཡུལ་ལམ་འདུན་བྱའམ་འདོད་བྱའི་ཡུལ་གྱི་མིང་སྟེ། ཚེ་འདི་དང་ཕྱི་མའི་འདོད་བྱའི་དོན་ནོ། །དེ་ཡང་འདུན་བྱ་ལ་འདུན་པའམ་འདུན་མ་ཞེས་པ་ནི། དཔེར་ན་བཟའ་བྱ་ལ་བཟའ་བ་དང་། བཏུང་བྱ་ལ་བཏུང་བ། བསླབ་བྱ་གསུམ་ལ་བསླབ་པ་གསུམ་ཟེར་བ་ལྟ་བུའོ། །ཡང་ན་འདུན་པ་ཞེས་པ་བྱ་ཚིག་ལ་མི་གོ་བར་མིང་ལ་གོ་དགོས་ཏེ། དཔེར་ན་ཚོར་བ་ཞེས་པ་བྱ་ཚིག་དང་མིང་གཉིས་ཀ་ལ་འཇུག་པ་བཞིན་ནོ། །དེ་ཡང་། སེམས་ལ་ཚོར་བ་ཞེས་པ་ལྟ་བུ་བྱ་ཚིག་དང་། ཚོར་བ་སྡུག་བསྔལ་ཞེས་པ་ལྟ་བུ་མིང་ཚིག་ཡིན་པ་བཞིན་ནོ། །གཞན་ཡང་མཚན་གཞི་མང་དུ་ཡོད་དེ། ཤེས་པ། སེམས་པ། མྱོང་བ། མཐོང་བ། བསླབ་པ། སོགས་མང་དུ་ཡོད་དོ། །རྗེ་མི་ལའི་རྣམ་མགུར་༢༩༧ལས། མ་བལྟས་པར་ཆོས་སྐུ་དེ་དུས་མཐོང་། །མ་བསྒྲུབས་པར་འདུན་མ་ལྷུན་གྱིས་གྲུབ། །ཅེས་གསུངས་པ་ལྟ་བུ་དང་། གཞན་ཡང་། རྗེ་ཙོང་ཁ་པ་ཆེན་པོའི་ལམ་གཙོ་རྣམ་གསུམ་ལས། གཏན་གྱི་འདུན་མ་མྱུར་དུ་སྒྲུབས་ཤིག་བུ། །ཞེས་གསུངས་པ་ལྟ་བུའོ། །འདི་ལ་འདུན་མ་དང་མདུན་མ་ཞེས་འབྲི་ཚུལ་གཉིས་སྣང་ཡང་འདུན་མཉིད་ལེགས་པར་སེམས་སོ། །