8219

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུན་མ་ལེགས་ནས་གདའ
Tibetan Definition ངའི་དམིགས་ཡུལ་ལམ་བློ་རྩེ་གཏད་ས་དེ་འགྲིགས་ཞག ཡག་པོ་བྱུང་ཞག་ཅེས་པ་ལྟ་བུའི་དོན་ནོ། །འདུན་མའི་འགྲེལ་བཤད་ཞིབ་པར་གོང་དུ་འདུན་མ་ཞེས་པའི་ཐད་དུ་གཟིགས། རྗེའི་རྟོགས་བརྗོད་འདུན་ལེགས་མ་ལས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །ཞེས་གསུངས་པ་ལྟར་རོ། །