8220

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུན་ས
Tibetan Definition 1 འདུ་བའི་ས། མི་མང་པོ་འདུ་སའི་མིང་། མཁས་པ་མང་པོ་འཚོགས་ནས་ཆོས་ཀྱི་བགྲོ་གླེང་གནང་ས་ལྟ་བུ་ལའང་གོ །འདུན་ས་དང་མདུན་སའི་ཁྱད་པར་ནི། འདུན་ས་ནི་འདུ་བའི་ས་དང་། མདུན་ས་ནི་དྲུང་དུ་ཞེས་པའི་དོན་ཡིན་པས་ཁྱད་པར་ཆེའོ། །བསྟན་དར་ལྷ་རམས་པའི་དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་པར་བཤད་པའི་སྐྱ་རེངས་གསར་པ་ལས། འདུ་བའི་ས་ལ་འདུན་ས་ཟེར། །མདུན་གྱི་ས་དང་ཁྱད་པར་ཆེ། །ཞེས་གསུངས་པ་ལྟར་རོ། །རྗེའི་རྣམ་ཐར་རྣམ་དག་གངས་རི་མ་ལས། ནམ་ཞིག་དེ་བཞིན་གཤེགས་པ་དབང་པོའི་ཏོག །རྣམ་མང་འཁོར་གྱི་དབུས་ན་ཐེག་པ་མཆོག །སྟོན་མཛད་འདུན་ས་ཆེ་དེར་འཇམ་པའི་དབྱངས། །རྒྱལ་སྲས་རྒྱ་མཚོའི་འཁོར་དང་བཅས་ཏེ་གཤེགས། །ཞེས་གསུངས། སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར་རྗེ་གུང་ཐང་པས་མཛད་པ་ལས། དགུང་ལོ་བཅུ་དྲུག་པ་ལ་དབུས་འགྱུར་ཆོས་ཀྱི་འདུན་ས་ཆེན་པོར་ཕེབས། ཞེས་པ་ལྟ་བུ།