824

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉེན་པོ་ལྡེམ་དགོངས
Tibetan Definition 3 (བཀའ་བརྒྱུད) གཉེན་པོར་ལྡེམ་པོར་དགོངས་པ་ནི། ཁ་ཅིག་ཤཱཀྱ་ཐུབ་པ་སྐུ་བོང་ཆུང་ཞིང་སྐུ་ཚེ་ཐུང་བ་ལ་སོགས་པས་སྟོན་པ་གཞན་ལས་དམན་པ་ཞིག་གོ་སྙམ་པ་ལ་དགོངས་ཏེ། ང་དེའི་ཚེ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དུ་གྱུར་ཏོ་ཞེས་པ་ལྟ་བུའོ། །ཉན་པ་པོས་གཟུགས་སྐུར་མཉམ་པར་གོ་ཞིང༌། འཆད་པ་པོས་ཚོགས་རྫོགས་པར་མཉམ་པ། ཆོས་སྐུ་ཐོབ་པར་མཉམ་པ། འགྲོ་དོན་མཛད་པར་མཉམ་པ་གསུམ་ལ་དགོངས་སོ། །