8263

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུས་པ་ཕྱི་མ
Tibetan Definition དཔལ་གསང་བའི་འདུས་པའི་ལེའུ་བཅོ་བརྒྱད་པ་འདི་ལ་འདུས་པ་ཕྱི་མ་ཞེས་བྱའོ། །ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། རྒྱུད་༼ ཅ་པ ༽ཤོག་གྲངས་༡༤༨ན༦ན་བཞུགས། འདི་ལ་འདུས་པའི་རྒྱུད་ཕྱི་མ་ཞེས་པའི་རྒྱུ་མཚན་ནི། ལེའུ་བཅོ་བརྒྱད་པ་འདི་འདུས་པའི་རྒྱུད་ཀྱང་ཡིན་ལ། འདུས་པའི་རྩ་བའི་རྒྱུད་ལེའུ་བཅུ་བདུན་པོ་རྣམས་ལས་ཕྱིས་གསུངས་ཤིང༌། ལེའུ་བཅུ་བདུན་པོ་ཐམས་ཅད་ཀྱི་ཐུན་མོང་གི་དོན་དང་ལེའུ་སོ་སོའི་དོན་དཀའ་ཞིང་སྦས་པ་རྣམས་གསལ་བར་འབྱེད་པས་འདུས་པ་ཕྱི་མ་ཞེས་ཟེར། འདུས་པའི་རྒྱུད་ཕྱི་མ་འདི་བཤད་རྒྱུད་ཀྱང་ཡིན་ཏེ། རིམ་ལྔ་གསལ་སྒྲོན་ལས། ཡབ་སྲས་རྣམས་ཀྱིས་ལེའུ་བཅོ་བརྒྱད་པ་རྒྱུད་ཕྱི་མར་གསུངས་པ་མ་གཏོགས་བཤད་རྒྱུད་དུ་གསལ་བར་གསུངས་པ་མི་སྣང་ཡང༌། ཐ་ག་ན་དང་རྒྱལ་བས་བྱིན་གྱིས་རྩ་རྒྱུད་ཀྱི་བཤད་པར་འདོད་པ་ལྟར་བཤད་རྒྱུད་དུ་འདོད་པར་བྱའོ། །ཞེས་གསུངས་སོ། །