8266

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུས་པ་རྩ་བའི་རྒྱུད་ཀྱི་གླེགས་བམ
Tibetan Definition གསང་འདུས་རྩ་རྒྱུད་ཀྱི་གླེགས་བམ་ལ་ཟེར། རྗེའི་གསང་བའི་རྣམ་ཐར་ལས། རིན་ཆེན་དུ་མས་སྤྲས་བའི་ཁྲི་སྟེང་ན། །ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ། །འདུས་པ་རྩ་བའི་རྒྱུད་ཀྱི་གླེགས་བམ་ནི། །གནང་ནས་འདི་ཡི་བདག་པོ་གྱིས་ཞེས་གསུངས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་དང་། མཁས་གྲུབ་ཆོས་རྗེས་མཛད་པའི་རྗེའི་གསང་བའི་རྣམ་ཐར་དངོས་གྲུབ་སྙེ་མ་ལས་ཀྱང་། ཚེས་བཞིའི་ནུབ་མོ་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའི་ཁྲི་ཞིག་གི་སྟེང་ན་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་ཡིན་ཟེར་བའི་བྲ་མའི་རྣམ་བ་ཅན་ཞིག་བཞུགས་འདུག་བ་དེས། དཔལ་གསང་བ་འདུས་པ་རྩ་རྒྱུད་ཀྱི་གླེགས་བམ་ཞིག་གནང་ནས་འདིའི་བདག་པོ་གྱིས་ཤིག་ཅེས་གསུང་བ་ལ། མཇུག་ནས་ཅུང་ཟད་མ་ཚང་བ་ཡིན་ནམ་སྙམ་དུ་དགོངས་ནས་གཟིགས་པས་ཐམས་ཅད་ཚང་འདུག །དེ་ནས་ཕྱག་གཉིས་ཀྱིས་གླེགས་བམ་དེ་བླངས། ཧཱུྂ་བཛྲ་ཨུཏིཥཱ་ཞེས་པའི་སྔགས་དང་ཕྱག་རྒྱས་ལན་གསུམ་དུ་དབུའི་སྟེང་དུ་བཏེག ཁ་སང་ནུབ་སྔ་མ་ལ་བུཾ་པ་ཆུས་བཀང་བ་སྟེར་རྩིས་བྱེད་པའང་འདིའི་ལྟས་ཡིན་པར་འདུག་དགོངས་པ་བྱུང་ངོ་། །