8271

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདུས་བྱས་ཀྱི་མཐའ་བཞི
Tibetan Definition བསགས་པའི་མཐར་འཛད་པ། མཐོན་པོའི་མཐར་ལྟུང་བ། འདུས་པའི་མཐར་འབྲལ་བ། སྐྱེས་པའི་མཐར་འཆི་བ་དང་བཞིའོ། །འདུལ་བ་ལུང་ལས། བསགས་པ་ཀུན་གྱི་མཐའ་འཛད་ཅིང༌། །མཐོན་པོ་རྣམས་ཀྱི་མཐའ་ལྟུང་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཞེས་གསུངས། ཚིག་རིས་ཅུང་མི་འདྲ་བ་མ་གཏོགས་ཚོམས་སུའང་དེ་དང་འདྲ་བ་གསུངས།