8283

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་ཆགས
Tibetan Definition 2 གསུང་རབ་ཀྱི་ཐ་སྙད་དུ་འདོད་ཆགས་ཞེས་པ། གོ་བདེ་པོར་བཤད་ན། འཁྲིག་སྤྱོད་གཅིག་པུ་མིན་པར། ཡུལ་དེ་ཐོབ་འདོད་ཀྱི་བློ་ཞིག་ལ་ཟེར་བ་རེད། གསུང་རབ་ཏུ་འདིའི་ངོ་བོ་ནི། རྩ་ཉོན་དྲུག་གི་དང་པོ་གང་ཞིག ཟག་བཅས་ཀྱི་དངོས་པོ་ལ་རང་གི་ངོ་བོའི་སྒོ་ནས་ཡིད་འོང་དུ་མཐོང་ནས་དོན་དུ་གཉེར་བས་རབ་ཏུ་ཕྱེ་བའི་སེམས་བྱུང་ཞིག་ལ་ཟེར། བྱེད་ལས་ནི། སྡུག་བསྔལ་བསྐྱེད་པའོ། །སྒྲ་བཤད་ནི། གཟུགས་སྒྲ་སོགས་འདོད་པའི་ཡོན་ཏན་ལྔ་ལ་འདུན་ཞིང་ཆགས་པས་ན་དེ་སྐད་ཅེས་བྱའོ། །འདོད་ཆགས་ནི་རས་ལ་སྣུམ་ཞུགས་པ་བཞིན་དུ་དབྱུང་དཀའ་བ་ཡིན་པར་གསུང༌།