From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འདོད་ཆགས་ཆོས་སྦས
|
Tibetan Definition
|
རིག་མ་དང་སྙོམས་པར་འཇུག་པ་ལ་འདོད་ཆགས་ཆོས་སྦས་ཟེར། སྒྲ་བཤད་ནི། དབང་པོ་གཉིས་སྦྱོར་གྱི་འདོད་ཆགས་ཀྱི་ཆོས་ཚུལ་དེ་ཁྲོམ་བསྒྲགས་སུ་མི་སྟོན་པར་སྦས་ནས་བསྟན་པར་བྱ་བ་ཡིན་པས་དེ་སྐད་ཅེས་བྱ། འདོད་ཆགས་ཆོས་སྦས་ལ། གཞི་འདོད་ཆགས་ཆོས་སྦས་ཕོ་མོ་ཉལ་པོ་བྱེད་པ། ལམ་ལ་གཉིས་ལས་དང་པོ་བསྐྱེད་རིམ་པའི་འདོད་ཆགས་ཆོས་སྦས་ནི། བསྐྱེད་རིམ་པའི་ལས་རྒྱ་དང་ཡེ་རྒྱ་ལ་སྙོམས་པར་འཇུག་པའོ། །གཉིས་པ་རྫོགས་རིམ་པའི་འདོད་ཆགས་ཆོས་སྦས་ནི། རྫོགས་རིམ་པས་ལས་རྒྱ་དང་ཡེ་རྒྱ་ལ་སྙོམས་པར་འཇུག་པའོ། །
|