8291

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འདོད་པ
Tibetan Definition 5 (མིང་ཚིག) འདོད་བྱ་སྟེ་ཆགས་ཡུལ། འདོད་པ་ཞེས་པ་ཡུལ་དང་ཡུལ་ཅན་གཉིས་ཀར་གོར་རུང་སྟེ། རྗེའི་རིམ་ལྔ་གསལ་སྒྲོན་ལས། དེ་ལ་སྤྱིར་འདོད་པ་ནི། འདིས་འདོད་པ་དང་། འདི་འདོད་པ་གཉིས་ལས། འདིར་ནི་ཕྱི་མ་སྟེ་འདོད་ཅིང་ཆགས་པར་བྱ་བས་ན་འདོད་པ་སྟེ་གཟུགས་ལ་སོགས་པ་ལྔའོ། །ཞེས་གསུངས། གཞན་ཡང་དཔེར་ན་རིག་པ་ཞེས་པ་ཡུལ་ཡུལ་ཅན་གཉིས་གཉིས་ཀ་ལ་གོར་རུང་བ་དང་འདྲའོ། །དཔེར་ན་ས་པཎ་གྱིས། རིག་པ་ནངས་པར་འཆི་ཡང་བསླབ། །ཅེས་པ་ལྟ་བུ་ཡུལ་ལ་འཇུག་པ་ལྟར་རོ། །