8320
Jump to navigation
Jump to search
འདོམས་ཀྱི་སྦ་བ | |
Tibetan Definition | ཕོ་རྟགས་ཀྱི་མིང༌། སྒྲ་བཤད་ནི། ལུས་ཀྱི་ཆ་སྟོད་སྨད་ཀྱི་འདུས་མདོ་ན་ཡོད་པས་ན་འདོམས་དང་གསང་བྱའམ་སྦ་བྱ་ཡིན་པས་ན་སྦ་བ་ཞེས་བྱའོ། །སྦ་བྱ་ལ་སྦ་བ་ཞེས་པ་ནི་བསླབ་བྱ་ལ་བསླབ་པ་ཞེས་པ་དང་འདྲའོ། །དཔེར་ན་བསླབ་བྱ་གསུམ་ལ་བསླབ་པ་གསུམ་ཞེས་པ་ལྟ་བུའོ། །གཞན་ཡང་། འདོད་བྱ་བདེ་སྐྱིད་ལ་འདོད་པ་ཞེས་པ་དང་། བཏུང་བྱ་ལ་བཏུང་བ། བཟའ་བྱ་ལ་བཟའ་བ་ལྟ་བུ་ཆེས་མང་ངོ༌། ། |
---|