From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འདྲིད་པ
|
Tibetan Definition
|
བསླུ་བའམ་མགོ་སྐོར་གཏོང་བ། དཔེར་ན་སླུ་འདྲིད་ཅེས་པ་ལྟ་བུ། འདྲིད་པ། བྲིད་པ། བྲིད་པ། བྲིད། རྗེའི་ལམ་རིམ་ཆེན་མོ་ལས། བརྫུན་གཞི་ལས་ལྕི་བ་ནི། གཞན་འདྲིད་ཅིང་བསླུ་བར་འདོད་པས་དོན་མང་པོས་བརྫུན་སྨྲ་བ་དང་ཕ་མ་ནས་སངས་རྒྱས་ཀྱི་བར་དང་བཟང་པོ་དང་མཛའ་བོ་ལ་སྨྲ་བ་དང་སྲོག་གཅོད་པ་སོགས་གསུམ་ལྕི་བ་བསྐྱེད་པ་སྨྲ་བའོ། །དགེ་འདུན་དབྱེ་བའི་ཕྱིར་བརྫུན་སྨྲ་བ་ནི་ཐམས་ཅད་ཀྱི་ནང་ནས་ལྕི་བའོ། །ཞེས་གསུངས་པ་ལྟར་རོ། །འབྲིད་པ་ཞེས་ཀྱང་འབྲི་བར་བྱེད་དོ། །
|