8355

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕགས་པ་ལམ་ཆུང་པ
Tibetan Definition <ཨརྱ་ཙཱུ་ཏ་པནྠ་ཀཿ> སངས་རྒྱས་ཀྱི་ཉན་ཐོས་ཤིག་སྟེ། ལམ་ཕྲན་བསྟན་ཞེས་ཀྱང་བརྗོད། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས། ལམ་ཕྲན་བསྟན་གྱི་སྐད་དོད་ལ་ཙཱུ་ཏ་སནྠ་ཀཿཞེས་བསྒྱུར་ཏོ། །འདི་ན་འཕགས་པའི་གནས་བརྟན་བཅུ་དྲུག་གི་ཡ་གྱལ་ཞིག་སྟེ། གནས་བཅུ་ལས། བྱ་རྒོད་ཕུང་པོའི་རི་བོ་ལ། །འཕགས་པ་གནས་བརྟན་ལམ་ཕྲན་བསྟན། །དགྲ་བཅོམ་སྟོང་དང་དྲུག་བརྒྱས་བསྐོར། །ཕྱག་གཉིས་མཉམ་གཞག་མཛད་ཕྱག་འཚལ། །ཞེས་གསུངས། འདིའི་གཏམ་རྒྱུད་འདུལ་བ་ལུང་རྣམ་འབྱེད་༼ ཇ་པ ༽༦༡ན༤ ན་བཞུགས་སོ། །