8364

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཕགས་པའི་ནོར་བདུན
Tibetan Definition དད་པ། ཚུལ་ཁྲིམས། ཐོས་པ། གཏོང་བ། ཤེས་རབ། ངོ་ཚ་ཤེས་པ། ཁྲེལ་ཡོད་པ་དང་བདུན་ནོ། །ཇོ་བོའི་བསྟོད་པ་ལས། དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་དང༌། །ངོ་ཚ་ཤེས་དང་ཁྲེལ་ཡོད་ཤེས་རབ་ཀྱི། །ནོར་བདུན་དག་གིས་ཕྱུག་པར་གྱུར་པའི་མཛོད། །ཡོན་ཏན་འབྱུང་གནས་ཁྱེད་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། སློབ་དཔོན་དཔའ་བོའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་ཡི་གེར་བྲིས་པ་ལས། འཕགས་ནོར་བདུན་དང་རྒྱལ་སྲིད་སྣ་བདུན་ཆོས་མཐུན་སྦྱར་ནས་གསུངས་པ་འདི་ལྟར། དད་པའི་འཁོར་ལོ་རིན་པོ་ཆེས། །ཉིན་མཚན་དགེ་བའི་ལམ་སྣ་དྲང་། །ཚུལ་ཁྲིམས་བཙུན་མོ་རིན་པོ་ཆེས། །རབ་ཏུ་མཛེས་པའི་རྒྱན་ཕྲེང་གདགས། །གཏོང་བའི་བློན་པོ་རིན་པོ་ཆེས། །བསོད་ནམས་ཡེ་ཤེས་འཕྲུལ་ཆེན་འབྱུང་། །ཐོས་པའི་དམག་དཔོན་རིན་པོ་ཆེས། །ལོག་རྟོག་དགྲ་ཡི་གཡུལ་ངོ་གཞོམ། །ངོ་ཚ་ཤེས་པའི་རྟ་མཆོག་གིས། །ཉོན་མོངས་བག་མེད་སྦུབས་སུ་སྦ། །ཁྲེལ་ཡོད་སྟོབས་ཀྱི་གླང་པོ་ཆེས། །ཕྱིན་ཅི་ལོག་གི་ལས་རྣམས་སྤང་། །ཤེས་རབ་ནོར་བུ་རིན་པོ་ཆེས། །བདག་དང་གཞན་གྱི་རེ་བ་བསྐང་། །ཡོན་ཏན་མཐའ་ཡས་འཕགས་པའི་ནོར། །ནོར་གཞན་ཕལ་པ་སྡུག་བསྔལ་རྒྱུ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། ནོར་ཕལ་པ་ལས་ཁྱད་པར་དུ་འཕགས་པས་དེ་སྐད་ཅེས་བྱ་སྟེ། ནོར་ཕལ་པ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་ལ། འདི་ནི་བདེ་བ་དང་ཡོན་ཏན་མཐའ་ཡས་པའི་རྒྱུ་ཡིན་པའི་ཕྱིར་རོ། །