838

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཎྜིའི་བརྡུང་ཚུལ
Tibetan Definition (འདུལ་བ) གསོ་སྦྱོང་སོགས་ཀྱི་སྐབས་སུ་གཎྜི་ཇི་ལྟར་བརྡུང་བའི་ཚུལ་ནི། གཎྜི་ལ་ཡུམ་ཤིན་ཕྱིན་དུ་མོས། བརྡུང་བ་ལ་ཆོས་འཁོར་བསྐོར་བར་བསྐུལ་བ་དང་། སྒྲ་ལ་སྟོང་ཉིད་དང་ཤེར་ཕྱིན་གྱི་ཆོས་སྟོན་པའི་སྒྲར་མོས་ཏེ། བསྟན་པ་དང་སེམས་ཅན་ལ་ཕན་པའི་འདུ་ཤེས་ཀྱིས། དང་པོར་ཡུམ་ཤེར་ཕྱིན་དང་། དཀོན་མཆོག་གསུམ་ལ་སོགས་པར་མོས་ནས། དེ་ལ་ཕྱག་འཚལ་ཏེ། ཤངས་ཚ་ལན་གསུམ་སྔོན་དུ་བཏང་ནས། རྒྱུད་རེ་རེ་ལ་སུམ་ཅུ་སོ་ལྔ་སོ་ལྔ་དང་། མཇུག་ཏུ་ཏོག་གསུམ་བྱས་ཏེ་བརྒྱ་རྩ་བརྒྱད་བྱའོ། །རྒྱུད་དེ་ཡང་གཅིག་ནས་བཅོ་བརྒྱད་ཀྱི་བར་ལ་ཇེ་ཆེ་ཇེ་ཆེ་དང་། དེ་ནས་བཅུ་བདུན་ཇེ་ཆུང་དུ་སོང་བ་ཟླ་བ་ཉ་གང་བའི་འཕེལ་འགྲིབ་ལྟར་བརྡུང་ངོ་། །